中国藏学网

您好,欢迎来到中国藏学网!

学术动态

༄༅།། པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་ཕྱིར་འགྱངས་བྱ་རྒྱུའི་བརྡ་ཐོ།།

发布时间: 2020-05-16               来源:ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།

བོད་རིག་པའི་མཁས་པ་རྣམ་པ།

ཏོག་གསར་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་སུ་རིམ་གྱིས་མཆེད་བཞིན་པའི་གནས་ཚུལ་ལ་དམིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གང་ལེགས་བསྒྲུབས་ནས་ཚོགས་ཞུགས་མི་སྣའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱེད་ཆེད། ཚོགས་འདུ་གཙོ་གཉེར་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། སྤྱི་ལོ་2020ལོའི་ཟླ་8པར་པེ་ཅིང་དུ་སྐོང་འཚོགས་བྱ་འཆར་ཡོད་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་ཕྱིར་འགྱངས་བྱས་ནས། སྤྱི་ལོ་2021ལོའི་ཟླ་10པར་འཚོགས་རྒྱུར་གཏན་འཁེལ་བྱས་ཡོད། གཞན་ཚོགས་འདུ་འདི་སྐོང་འཚོགས་བྱ་རྒྱུའི་ཚེས་གྲངས་གང་ཡིན་སླར་ཡང་བརྡ་ཐོ་གཏང་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་དོན་དག་ཁ་ཤས་ཀུན་ལ་གསལ་བརྡ་སྦྲན་རྒྱུ་ཡིན་ཏེ། 

གཅིག  ཀྲུང་གོའི་སྐམ་ས་ཆེན་མོའི་ཁུལ་གྱི་མིང་ཐོ་འགོད་མཚམས་བཞག་ཟིན་པ་དང་། ཀྲུང་གོའི་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་དང་དེ་བཞིན་ཕྱི་རྒྱལ་གྱི་མཁས་དབང་ཚོས་མུ་མཐུད་དུ་ཐོ་འགོད་གནང་ཆོག་ཅིང་།  དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་འབུལ་མཚམས་འཇོག་པའི་དུས་ཚོད་ནི་སྤྱི་ལོ་2020ལོའི་ཟླ་12ཚེས་31ཉིན་བར་ཡིན།

གཉིས། གལ་ཏེ་སྐུ་ཉིད་ནས་ཚོགས་འདུར་ཞུགས་པའི་རེ་ཞུ་ཕུལ་བ་མ་ཟད། དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ལ་དཔྱད་རྩོམ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་དང་ལེན་བྱུང་ཚེ། ཚོགས་ཆེན་གྱིས་སྐུ་ཉིད་ལ་ཚོགས་འདུའི་བརྡ་ཐོ་ཐེངས་གཉིས་པ་གཏང་རྒྱུ་དང་། ཁྱེད་རང་གི་ཚོགས་ཞུགས་ཐོབ་ཐང་ཡང་སོར་འཇོག་བྱ་རྒྱུ་ཡིན།

གསུམ། གལ་སྲིད་གནས་ཚུལ་ཞིབ་ཕྲར་རྒྱུས་ལོན་གནང་དགོས་ཚེ། ང་ཚོ་དང་འབྲེལ་བ་གནང་རོགས།

(1)ཀྲུང་གོའི་སྐམ་ས་ཆེན་མོའི་ཚོགས་ཞུགས་མི་སྣའི་འབྲེལ་གཏུག་གནང་ཡུལ།

ཀུའུ་ཧུང་། 

འབྲེལ་གཏུགས་ཁ་པར། 010-64928545

བརྙན་སྐྱེལ་ཨང་གྲངས། 010-64928545

ཡིག་སྒམ། bists2020@163.com

(2)ཀྲུང་གོའི་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་ཕྱི་རྒྱལ་གྱི་ཚོགས་ཞུགས་མི་སྣའི་འབྲེལ་གཏུག་གནང་ཡུལ།

ཀྲང་སི་ལུའུ། 

འབྲེལ་གཏུག་ཁ་པར། 0086-10-6494512064948054

བརྙན་སྐྱེལ་ཨང་གྲངས། 0086-10-64945120

ཡིག་སྒམ། bists2020@163.com

ཚོགས་འདུ་ཕྱིར་འགྱངས་བྱས་པ་ཡིས་སྐུ་ཉིད་ལ་སྟབས་མི་བདེ་བ་བཟོས་པར་ང་ཚོས་དགོངས་དག་ཞུ་རྒྱུ་ཡིན། སྐུ་ཉིད་ནས་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།

སྤྱི་ལོ་ 2020ལོའི་ཟླ་5ཚེས་15ཉིན།

 


中国藏学网